卡若区2026年“两节”期间平抑物价公告
2026年02月05日 03时46分
【字体:大 中 小】
【打印本文】
广大市民朋友们:
“两节”临近,为保障节日期间市场供应充足、价格平稳,切实惠及民生、便利群众,中共卡若区委、卡若区人民政府心系群众冷暖,精准施策发力,决定对果蔬、肉类、禽蛋等重点民生商品开展定点政府补贴销售,全力保障群众节日生活需求,现将有关事宜公告如下:
一、活动时间
2026年2月6日—2月15日,共计10天
二、活动地点
为方便城区居民就近选购平价商品,在城区核心区域及居民密集区设置8个固定平价销售点,具体点位:马草坝(体育场门口)、达因卡大路口、中路(原城关镇政府后侧)、卡若区联兴超市、深圳路(卡若区安居苑小区门口)、解放广场对面停车场、夏通街(昌都市第五幼儿园正前方)、野堆村(卡若区第一小学后侧);同步启用2辆流动销售车,分赴妥坝乡、拉多乡、芒达乡、沙贡乡开展平价销售,确保城乡群众均能享受到惠民福利。
三、销售品种
聚焦群众节日刚需,本次补贴销售涵盖三大类32种民生商品,具体如下:
蔬菜类(24种):小白菜、大白菜、菠菜、上海青、土豆、白萝卜、莲白、胡萝卜、莴笋、蒜苗、小葱、蒜薹、大青椒、小青椒、小米椒、芹菜、香菇、鸡菇、黄瓜、小南瓜、西红柿、青花菜、白花菜、玉米
水果类(4种):苹果、香蕉、砂糖橘、梨
肉蛋类(4种):鲜牦牛肉、冷鲜猪肉、鸡肉、鸡蛋
四、消费提示
1.本次活动期间补贴商品货源充足,请广大市民按需理性采购,避免浪费,其中同类果蔬单次购买不超过10公斤、肉类单次购买不超过15公斤。
2.选购商品时请妥善保管购物凭证,如遇价格异常、商品质量等问题,我们将及时核查处理,切实维护消费者合法权益。
特此公告。
昌都市卡若区人民政府
2026年2月3日
ཁ་རུབ་ཆུས་༢༠༢༦ལོའི་དུས་ཆེན་གཉིས་རིང་ཚོང་ཟོག་གོང་སྙོམས་བཟོ་གཏོང་རྒྱུའི་སྤྱི་བསྒྲགས།
རྒྱ་ཆེའི་གྲོང་མི་རྣམས་པར།
དུས་ཆེན་གཉིས་འཆར་ལ་ཉེ་བའི་སྐབས་སུ།དུས་ཆེན་རིང་ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བའི་འགན་ལེན་བྱེད་ནས།དམངས་འཚོར་ཕན་པ་དང་མང་ཚོགས་ལ་སྟབས་བདེ་བསྐྲུན་ཆེད།ཀྲུང་གུང་ཁ་རུབ་ཆུས་ཨུད་དང་ཁ་རུབ་ཆུས་མི་དམངས་སྲིད་གཞུང་གིས་མང་ཚོགས་ཀྱི་བདེ་སྡུག་དང་གནད་སྨིན་ ཇུས་འདོན་བྱས་ཏེ། ཤིང་འབྲས་དང་སྔོ་ཚལ། ཤ་རིགས། བྱ་སྒོང་སོགས་ཚོང་ཟོག་གནས་གཏན་འཁེལ་གྱི་སྲིད་གཞུང་གི་ཁ་གསབ་ཕྱིར་འཚོང་བྱས་ནས།མང་ཚོགས་ཀྱི་དུས་ཆེན་རིང་གི་འཚོ་བའི་དགོས་མཁོ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། ད་ལྟ་འབྲེལ་ཡོད་དོན་དག་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིག བྱེད་སྒོ་སྤེལ་བའི་དུས་ཚོད།
༢༠༢༦ལོའི་ཟླ་༢པའི་ཚེས་༦ཉིན་ནས་ཟླ་༢པའི་ཚེས་༡༥ཉིན་བར།ཁྱོན་ཉིན་༡༠ཡོད།
གཉིས། བྱེད་སྒོ་སྤེལ་ཡུལ།
གྲོང་ཁུལ་གྱི་གྲོང་མིས་ཐག་ཉེ་ས་ནས་རྒྱུན་གོང་ཚོང་ཟོག་ཉོ་བར་སྟབས་བདེ་བསྐྲུན་ཆེད།གྲོང་ཁུལ་གྱི་ལྟེ་བའི་ས་ཁོངས་དང་དེ་བཞིན་གྲོང་མི་འདུ་འཛོམས་ཆེ་ཁུལ་དུ་གཏན་འཇགས་ཀྱི་རིན་གོང་ཁེ་བའི་ཚོང་ཟོག་ཕྱིར་ཚོང་ས་ཚིགས་༨འཛུགས་རྒྱུ་སྟེ།ཞིབ་ཕྲའི་ས་གནས་ནི།
སྟག་རྩྭ་ཐང་༼ལུས་རྩལ་ཐང་གི་སྒོ་འགྲམ།༽སྟག་དབྱིབས་ཁའི་ལམ་མདོ། དཀྱིལ་ལམ་༼དེ་སྔོན་ཁྲེང་ཀོན་གྲོང་རྡལ་གྱི་རྒྱབ་ཕྱོགས།༽ཁ་རུབ་ཆུས་ལེན་ཞིན་སྒོ་རྩིས་ཚོང་ཁང་།ཧྲའེ་ཀྲིན་ལམ་༼ཁ་རུབ་ཆུས་བདེ་སྡོད་གླིང་ཁུལ་ཆུང་གི་སྒོ་འགྲམ།༽ བཅིངས་འགྲོལ་ཐང་ཆེན་ཁ་གཏད་ཀྱི་རླངས་འཁོར་འཇོག་ས། སྐྱ་ཐང་སྲང་ལམ་༼ཆབ་མདོ་གྲོང་ཁྱེར་བྱིས་པ་ཁང་ལྔ་པའི་མདུན་ངོས་སུ།༽ གཡེར་སྟོད་གྲོང་ཚོ་༼ཁ་རུབ་ཆུས་སློབ་ཆུང་དང་པོའི་རྒྱབ་ཕྱོགས།༽བཅས་ལ་འཛུགས་རྒྱུ་དང་། དེ་དང་ཆབས་གཅིག་སྐོར་སྐྱོད་རླངས་འཁོར་༢སྤྱོད་དེ།ཐོ་པ་ཤང་དང་ལྷ་ཐོག་ཤང་། རྨོ་མདའ་ཤང་། ས་སྒང་ཤང་བཅས་ལ་སྐྱོད་ནས་རྒྱུན་གོང་ཕྱིར་འཚོང་བྱེད་ནས།གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཚང་མར་དམངས་ཕན་ཕན་བདེ་ཐོབ་པར་འགན་ལེན་བྱ་རྒྱུ་ཡིན།
གསུམ། ཕྱིར་འཚོང་གི་སྣ་ཁ།
མང་ཚོགས་ཀྱི་དུས་ཆེན་གྱི་དགོས་མཁོར་དམིགས་ནས།ད་ཐེངས་ཀྱི་ཁ་གསབ་ཕྱིར་ཚོང་ནང་དམངས་འཚོའི་ཚོང་ཟོག་རིགས་ཆེ་བ་གསུམ་སྣ་ཁ་༣༢ཚུད་ཡོད། ཞིབ་ཕྲའི་གཤམ་གསལ།
ཚལ་དཀར་ཆུང་བ། ཚལ་དཀར་ཆེ་བ། ཚལ་སྣག། ཞོག་ཁོག། ལ་ཕུག། ལེན་ཧྭ་པད་ཚལ། ལབ་སེར། ཨོ་སུན། སྒོག་མྱུག། ཙོང་། སོ་ལོ་མངར་མོ། སོ་ལོ་ཆེ་བ། སོ་ལོ་ཆུང་བ། ལྕ་ཚལ། ཤ་མོང། བྱ་ཤ་མོང། རྡོ་ཀུབ། ནན་ཀྭ། ཀྲོ་མ་ཀྲུ། ཀོ་པི་སྔོན་པོ། ཀོ་པི། མ་རྨོས་ལོ་ཏོག།
ཤིང་ཏོག་རིགས།༼༤༽ ཀུ་ཤུ། ངང་ལག། ཚ་ལུ་མ། ལི།
ཤ་དང་བྱ་སྒོང་རིགས།༼༤༽ ཟོག་ཤ་སོས་མ། ཕག་ཤ་འཁྱགས་པ། བྱ་ཤ། བྱ་སྒོང་།
བཞི། འཛད་སྤྱོད་དྲན་སྐུལ།
༡ཐེངས་འདིའི་བྱེད་སྒོ་སྤེལ་རིང་ལ་ཚོང་ཟོག་གི་ཡོང་ཁུངས་འདང་ངེས་ཡོད་པས།རྒྱ་ཆེའི་གྲོང་མིས་དགོས་མཁོ་གཞིར་བཟུང་ལུགས་མཐུན་ངང་ཉོ་སྒྲུབ་གནང་ནས། འཕྲོ་བརླག་མི་འགྲོ་བ་བྱེད་དགོས།དེའི་ནང་རིགས་གཅིག་པའི་ཤིང་འབྲས་དང་སྔོ་ཚལ་ཉོ་ཐེངས་གཅིག་ལ་སྤྱི་རྒྱ་༡༠ལས་བརྒལ་མི་ཆོག་པ་དང་ཤ་རིགས་ཉོ་ཐེངས་གཅིག་ལ་སྤྱི་རྒྱ་༡༥ལས་བརྒལ་མི་ཆོག།
༢ཚོང་ཟོག་ཉོ་སྒྲུབ་སྐབས་སུ་ཉོ་སྒྲུབ་འཛིན་ཤོག་ཉར་ཚགས་ཡག་པོ་བྱེད་དགོས། གལ་སྲིད་རིན་གོང་རྒྱུན་ལྡན་མིན་པའམ་ཡང་ན་ཚོང་ཟོག་གི་སྤུས་ཚད་སོགས་ཀྱི་གནད་དོན་འཕྲད་ཚེ།ང་ཚོས་དུས་ཐོག་ཏུ་ཞིབ་བཤེར་ཐག་གཅོད་བྱས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན།
ཆེད་དམིགས་སྤྱི་བསྒྲགས།
ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་མི་དམངས་སྲིད་གཞུང་།
༢༠༢༦ལོའི་ཟླ་༢པའི་ཚེས་༣ཉིན།
扫一扫在手机打开当前页
相关信息



