边坝县人民政府

政府信息公开

致全县人民的疫情防控倡议书

发布时间: 2022-08-15   浏览次数:   【字体:

致全县人民的疫情防控倡议书

རིམས་ནད་འགོག་སྲུང་ཐད་རྫོང་ཡོངས་ཀྱི་མི་དམངས་ལ་སྤྲིངས་པའི་འབོད་སྐུལ་ཡི་གེ


广大居民朋友们:

དཔལ་འབར་རྫོང་གི་རྒྱ་ཆེའི་གྲོང་མི་རྣམས་པ།

目前,区内疫情防控形势严峻复杂,拉萨市、日喀则市、阿里地区等地出现本土新冠病例,为进一步落实落细各项防控措施,有效阻断疫情传播渠道,保障您和家人的身体健康和生命安全,现提出如下倡议:

 མིག་སྔར། རང་ལྗོངས་ཀྱི་རིམས་ནད་འགོག་སྲུང་གནས་བབ་ཛ་དྲག་ཆེན་པོ་ཡིན་ལ། ལྷ་ས་དང་། གཞིས་ཀ་རྩེ། མངའི་རིས་སོགས་ཀྱི་ས་ཁུལ་དང་གྲོང་ཁྱེར་ནང་ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་ནད་པ་ཐོན་ཡོད། རིམས་ནད་འགོག་སྲུང་བྱ་ཐབས་ཁག་དོན་འཁྱོལ་གང་ལེགས་དང་། རིམས་ནད་འགོས་ཁྱབ་བྱེད་ཚད་འགོག་སྲུང་ནུས་ལྡན། ཁྱེད་དང་ནང་མི་ཡོངས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་འགན་སྲུང་བཅས་བྱ་ཆེད་འབོད་སྐུལ་བྱེད་རྒྱུ་གཤམ་གསལ་ལྟར།

一、加强个人防护,文明健康生活。坚持戴口罩、勤洗手、常通风、少聚集、“一米线”、公筷制、清洁消毒等良好卫生习惯,筑牢防疫屏障。谨慎接触冷链食品、进口水果。接收快递物品,掌握“先消毒后拆封”的原则。

གཅིག མི་སྒེར་གྱི་འགོག་སྲུང་ལ་ཤུགས་སྣོན་རྒྱབ་ནས་ཤེས་དཔལ་དང་བདེ་ཐང་གི་འཚོ་བར་རོལ་དགོས། ཁ་རས་རྒྱུན་དུ་རྒྱབ་པ་དང་། ལག་པ་རྟག་ཏུ་བཀྲུ་བ། ཁང་པར་རླུངས་འགྲོ་བཅུག་པ། འདུ་འཛོམས་མི་བྱེད་པ། གཞན་དང་བར་ཐག་རྨིས་གཅིག་ཡན་འཇོག་པ། སྤྱི་པའི་བཟའ་ཆས་སྤྱོད་པ། གཙང་སྦྲ་དུག་སེལ་བྱེད་པ་སོགས་ཀྱི་གོམས་གཤིས་ཡག་པོ་རྒྱུན་འཁྱོངས་བྱས་ནས་རིམས་ནད་འགོག་སྲུང་གི་འཛིང་རགས་སྲ་བརྟན་འཛུགས་དགོས། དེ་བཞིན་འཁྱགས་བཟས་དང་། ནང་འདྲེན་བྱས་པའི་ཤིང་ཏོག་སོགས་ལ་གཟབ་ནན་བྱེད་དགོས་ལ། མྱུར་སྐྱེལ་དངོས་པོ་ལེན་དུས་སྔོན་ལ་དུག་སེལ་བྱེད་པ་དང་དེ་རྗེས་ཁ་བཤིག་པའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས།

二、主动测温扫码,遵守防疫措施。出入公共场所时,自觉遵守防疫管理规定,全程规范佩戴口罩,主动配合工作人员做好体温检测和健康码、行程码查验,主动扫场所码,保持安全社交距离,减少疫情传播风险。

གཉིས། རང་འགུལ་ངང་ལུས་དྲོད་འཇལ་བ་དང་རྟགས་རིས་བཤེར་ནས་རིམས་འགོག་བྱ་ཐབས་ལ་བརྩི་སྲུང་བྱེད་དགོས། སྤྱི་པའི་འདུ་གནས་ལ་འགྲོ་དུས་རང་འགུལ་ངང་རིམས་འགོག་གཏན་འབེབས་ཁག་ལ་བརྩི་སྲུང་བྱེད་དགོས་པ་དང་། ཁ་རས་ལེགས་པར་རྒྱག་དགོས་ལ། ལས་དོན་མི་སྣའི་བླང་བྱ་གཞིར་བཟུང་གཟུགས་པོའི་དྲོད་ཚད་འཇལ་བ་དང་། བདེ་ཐང་རྟགས་རིས་དང་། བགྲོད་ལམ་རྟགས་རིས་སོགས་བརྩད་བཤེར་དང་ལེན་བྱེད་དགོས་པ་མ་ཟད། འགྲོ་ཡུལ་རྟགས་རིས་རང་འགུལ་ངང་བཤེར་དགོས་པ་དང་བདེ་འཇགས་ཀྱི་འབྲེལ་འདྲིས་བར་ཐག་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ནས་རིམས་ནད་འགོས་ཁྱབ་ཀྱི་ཉེན་ཁ་ཆུང་དུ་གཏོང་དགོས།

三、慎安排出行,降低感染风险。不参加聚集活动,全力阻断传播风险,减少人员流动;婚事缓办、丧事简办,不聚餐聚会、不走亲访友,自觉做到少出门、不串门、不扎堆、不聚集;非必要不外出、不前往疫区。

གསུམ། ཕྱིར་འགྲོའི་འཆར་གཞི་ཚད་མཐུན་གཏིང་ནས་རིམས་ནད་འགོས་རྒྱུའི་ཉེན་ཁ་ཆུང་དུ་གཏོང་དགོས། འདུ་འཛོམས་རང་བཞིན་གྱི་བྱེད་སྒོར་མི་ཞུགས་པ་དང་ནུས་ཤུགས་ཡོད་རྒུས་འགོས་ཁྱབ་ཉེན་ཁ་བཀག་འགོག་བྱེད་དགོས་ལ་འགྲོ་འོང་བྱེད་རྒྱུ་ཉུང་དུ་གཏོང་དགོས། གཉེན་སྟོན་ནར་འགྱང་དང་དུར་མཆོད་སྟབས་བདེ་བཟོས་ནས་འདུ་འཛོམས་མི་བྱེད་པ་དང་འགྲོ་འོང་ཉུང་དུ་གཏོང་དགོས། དེ་བཞིན་ཕྱིར་འགྲོ་ཉུང་ཙམ་དང་། མགྲོན་འབོད་མི་བྱེད་པ། འདུ་འཛོམས་མི་བྱེད་པ་བཅས་དགོས་ལ། ཚབས་ཆེའི་ལས་དོན་མེད་ན་ཕྱི་ཕྱོགས་སུ་མི་འགྲོ་ལ་རིམས་ནད་ཁྱབ་ཁུལ་ལ་དེ་བས་འགྲོ་མི་རུང་།

四、树牢防范意识,当好抗疫哨兵。密切关注自己和家人健康状况,如出现发热、乏力、干咳咽痛、味觉减退、腹泻等症状,在做好个人防护的前提下,立即到县人民医院发热门诊就医,就医过程请避免乘坐公共交通工具,就诊时请主动告知医护人员自己近期的旅居史和接触史。

བཞི། འགོག་སྲུང་འདུ་ཤེས་བརྟན་པོར་བཙུགས་ནས་རིགས་འགོག་སོ་དམག་ལེགས་པོ་བྱེད་དགོས། རང་ཉིད་དང་ཁྱིམ་མིའི་བདེ་ཐང་གནས་ཚུལ་ལ་དོ་ཁུར་ལེགས་པོ་བྱེད་དགོས་པ་དང་། ཚ་བ་རྒྱས་པ་དང་། ངལ་དུབ་ཆེ་བ། སྐམ་གློ་རྒྱག་པ། བྲོ་བ་ཚོར་རྐྱེན་ཆུང་དུ་སོང་བ། གྲོད་པ་བཤལ་བ་སོགས་ཀྱི་ནད་རྟགས་ཐོན་ཚེ། རང་ལ་འགོག་སྲུང་གང་ལེགས་བྱས་རྗེས་ལམ་སེང་རྫོང་མི་དམངས་སྨན་ཁང་གི་ཚ་ནད་ཚན་ཁག་ལ་སྨན་པ་བརྟེན་པར་འགྲོ་དགོས། སྨན་ཁང་ལ་འགྲོ་བའི་ལམ་བར་དུ་སྤྱི་སྤྱོད་འགྲིམ་འགྲུལ་ལ་སྡོད་མི་རུང་ལ། སྨན་བཅོས་བྱེད་དུས་རང་ཉིད་ཀྱི་འགྲུལ་བཞུད་གནས་ཚུལ་དང་ཐུག་འཕྲད་གནས་ཚུལ་རང་འགུལ་ངང་སྨན་དོན་མི་སྣར་སྦས་གསང་མེད་པར་ཞུ་དགོས།

五、关注官方信息,抵制不实信息。积极参与、主动配合疫情防控工作,做到不信谣、不传谣、不造谣、不恐慌、不焦虑,不在网络、朋友圈、微信群等发布未经证实的虚假信息。

ལྔ། གཞུང་ཕྱོགས་ཀྱི་ཆ་འཕྲིན་ལ་དོ་ཁུར་བྱེད་དགོས་ལ་ཆ་འཕྲིན་རྫུན་མ་བཀག་འགོག་བྱེད་དགོས། རིམས་ནད་འགོག་སྲུང་ལས་དོན་ནང་ཧུར་ཐག་ངང་ཞུགས་དགོས་ལ་བླང་བྱ་ཁག་དང་ལེན་ལེགས་པོ་བྱེད་དགོས་པ་ལས། དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ་དང་། དཀྲོག་གཏམ་མི་སྤེལ་བ། དཀྲོག་གཏམ་མི་བཟོ་བ། དཀྲོག་གཏམ་བརྒྱུད་སྒྲོག་མི་བྱེད་པ། དངངས་ཚབ་མི་བྱེད་པ་བཅས་དགོས་པ་དང་། དྲྭ་བ་དང་། གྲོགས་ཚོམས། འཕྲིན་ཕྲན་ཚོགས་པ་སོགས་ཀྱི་ནང་ཁུངས་བཙན་མེད་པའི་ཆ་འཕྲིན་བརྒྱུད་སྤེལ་བྱེད་མི་ཆོག

六、主动接种疫苗,共筑免疫屏障。请尚未接种、未完成全程接种和符合加强免疫接种新冠病毒疫苗的干部群众,在没有禁忌症的情况下,尽快主动及时完成全程接种,积极接种加强针获得最佳免疫效果。

དྲུག  རང་འགུལ་ངང་རིམས་འགོག་སྨན་ཁབ་རྒྱབ་ནས་རིམས་འགོག་འཛིང་རགས་མཉམ་སྐྲུན་བྱེད་དགོས། ཏོག་དབྱིབས་ནད་དུག་གསར་པའི་གློ་ཚད་རིམས་འགོག་སྨན་ཁབ་རྒྱབ་མེད་པའམ་ཆ་ཚང་རྒྱབ་མེད་པའི་ལས་བྱེད་མང་ཚོགས་རྣམས། རིམས་འགོག་སྨན་ཁབ་འཛེམ་བྱའི་ནད་རིགས་མེད་པ་དག་རང་འགུལ་ངང་གང་མགྱོགས་རིམས་འགོག་སྨན་ཁབ་ཆ་ཚང་རྒྱག་དགོས། རིམས་འགོག་སྨན་ཁབ་འཐུས་ཚང་རྒྱབ་ན་རིམས་ནད་འགོག་སྲུང་ཀྱི་ནུས་པ་ཆེན་པོ་ཐོན་སྲིད།

广大居民朋友们,疫情防控、人人有责,群防群控、从我做起,您的理解和支持是做好常态化疫情防控工作的最大底气!希望广大居民相互转告、互相提醒,守护好我们来之不易的抗疫成果,携手并肩、奋勇向前,凝聚起坚不可摧的强大抗疫力量,全力参与和支持全县疫情防控工作!

རྒྱ་ཆེའི་གྲོང་མི་རྣམས་པ། རིམས་ནད་འགོག་སྲུང་བྱེད་རྒྱུ་ཚང་མའི་འགན་འཁྲི་ཡིན་ལ། དམངས་འགོག་དམངས་སྲུང་བྱེད་རྒྱུ་རང་ཉིད་ནས་འགོ་འཛུགས་དགོས། རྒྱུན་རྣམ་རང་བཞིན་གྱི་རིམས་ནད་འགོག་སྲུང་ལས་དོན་ཀྱི་སྒུལ་ཤུགས་ཆེ་ཤོས་དེ་ནི་ཁྱེད་ཀྱིས་རྒྱབ་སྐྱོར་དང་བསམ་ཤེས་གནང་རྒྱུ་དེ་ཡིན་པས། རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་དེ་དོན་ཕན་ཚུན་བརྡ་ལན་དང་སྐུལ་ལྕག་བྱས་ཏེ་ང་ཚོའི་རིམས་ནད་འགོག་སྲུང་གི་གྲུབ་འབྲས་མུ་མཐུད་སྲུང་སྐྱོང་བྱ་ཆེད་དཔུང་པ་མཉམ་གཤིབ་དང་དཔའ་མཛངས་མདུན་བསྐྱོད་བྱས་ནས་རྫོང་ཡོངས་ཀྱི་རིམས་ནད་འགོག་སྲུང་ལས་དོན་ལ་རྒྱབ་སྐྱོར་དང་ནང་ཞུགས་ཧུར་ཐག་བྱེད་རྒྱུར་ཚང་མའི་ནུས་ཤུགས་གཅིག་སྒྲིལ་བྱེད་དགོས།



边坝县应对新冠肺炎疫情

工作领导小组办公室

དཔལ་འབར་རྫོང་ཏོག་གསར་གློ་ཚད་རིམས་ནད་འགོག་སྲུང་

ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་ནས།

2022年8月9日

སྤྱི་ལོ་༢༠༢༢ལོའི་ཟླ་༨ པའི་ཚེས་༩ཉི

附件下载:
相关链接: