边坝县人民政府

尊敬的广大市民及相关企业:
在市委、市政府、县委、县政府的高度重视下,在相关部门的通力协作下,昌都市气瓶检测中心已于2025年3月中旬正式投入使用。为切实保障全县液化气钢瓶使用安全,及时消除安全隐患,根据《气瓶安全技术规程》(TSG23-2021)第9条第3款规定,需对液化气钢瓶进行强检,现就液化气钢瓶检测相关事项告知如下:
一、检测范围
边坝县城及11个乡(镇)内所有在用的液化石油气钢瓶。
二、检测周期
按照《气瓶安全技术规程》(TSG23-2021)第9条第3款规定:气瓶的首次定期检验日期应当从气瓶制造日期起计算,液化石油气钢瓶的检验周期为:4年。
三、检测费用
依据《西藏自治区发展和改革委员会关于公布<西藏自治区定价目录>的通知》(藏发改价格〔2021〕21号)文件要求,液化石油气钢瓶检测服务费不属于政府定价范围,实行市场调节价。
前期,第三方气瓶检测机构对全区各地市气瓶检测收费标准、企业经营成本、市场供需等因素进行了调研了解,结合昌都实际,综合考虑分析,向社会公告了昌都市液化石油气钢瓶检测收费标准;具体收费标准为:1.液化石油气钢瓶50公斤(YSP-50型)150元/只(含角阀费用20元);2.液化石油气钢瓶15公斤(YSP-15型)90元/只(含角阀费用20元);3.液化石油气钢瓶5公斤(YSP-5型)75元/只(含角阀费用20元);4.回收报废气瓶20元/只(每回收一个报废气瓶返还20元)。
四、公示与监督
根据《中华人民共和国价格法》《中华人民共和国特种设备安全法》等法律法规,我局将做好价格公示和安全监督工作,严格查处价格未及时公示、违规收费,充装超期未检、检验不合格的液化石油气钢瓶等违法行为。若因上述违法行为导致发生安全事故构成犯罪的,将依法移交相关部门追究刑事责任。
安全无小事,液化石油气钢瓶安全关系到广大人民群众的生命财产安全,请予积极支持配合气瓶检测工作,共同守护我县良好的安全生产环境。
特此公告!
投诉电话:0895-4731634
边坝县市场监督管理局
2026年6月7日
གཤེར་འགྱུར་རླངས་དམ་ཞིབ་དཔྱད་ཚད་ལེན་ལས་དོན་ལེགས་པར་བསྒྲུབ་རྒྱུར་གཞོགས་འདེགས་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
གུས་པར་འོས་པའི་རྒྱ་ཆེའི་གྲོང་མི་དང་འབྲེལ་ཡོད་ཁེ་ལས།
གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་། རྫོང་ཨུད། རྫོང་སྲིད་གཞུང་བཅས་ཀྱི་ཚད་མཐོའི་མཐོང་ཆེན་འོག འབྲེལ་ཡོད་སྡེ་ཚན་གྱི་སྟོབས་ཤུགས་གཅིག་སྒྲིལ་དང་གཞོགས་འདེགས་འོག ཆབ་མདོ་གྲོང་ཁྱེར་རླངས་དམ་ཞིབ་དཔྱད་ཚད་ལེན་ལྟེ་གནས་དེ་2025ལོའི་ཟླ་3པའི་ཟླ་དཀྱིལ་དུ་དངོས་སུ་སྤྱོད་འགོ་ཚུགས་ཡོད། རྫོང་ཡོངས་ཀྱི་གཤེར་འགྱུར་རླངས་ཀྱི་ལྕགས་དམ་བེད་སྤྱོད་བདེ་འཇགས་ཡོང་བར་འགན་སྲུང་ཏན་ཏིག་བྱེད་པ་དང་དུས་ཐོག་ཏུ་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སེལ་ཆེད། 《རླངས་དམ་བདེ་འཇགས་ལག་རྩལ་སྒྲིག་སྲོལ》(TSG23-2021)གྱི་དོན་ཚན་དགུ་པའི་ནང་གསེས་དོན་ཚན་གསུམ་པའི་གཏན་འབེབས་ལྟར། གཤེར་འགྱུར་རླངས་ཀྱི་ལྕགས་དམ་ལ་ཞིབ་བཤེར་ནན་པོ་བྱ་དགོས། ད་ལྟ་གཤེར་འགྱུར་རླངས་ཀྱི་ལྕགས་དམ་ཞིབ་བཤེར་ཚད་ལེན་གྱི་འབྲེལ་ཡོད་དོན་ཚན་གསལ་བཤད།
གཅིག ཞིབ་དཔྱད་ཚད་ལེན་གྱི་ཁྱབ་ཁོངས།
དཔལ་འབར་རྫོང་གྲོང་དང་ཤང་(གྲོང་རྡལ)11ནང་སྤྱོད་བཞིན་པའི་གཤེར་འགྱུར་རྡོ་སྣུམ་སོལ་རླངས་ཀྱི་ལྕགས་དམ་ཚང་མ།
གཉིས། ཞིབ་དཔྱད་ཚད་ལེན་གྱི་འཁོར་ཡུན།
《རླངས་དམ་བདེ་འཇགས་ལག་རྩལ་སྒྲིག་སྲོལ》(TSG23-2021)གྱི་དོན་ཚནདགུ་པའི་ཚན་པ་གསུམ་པའི་གཏན་འབེབས་ལྟར། རླངས་དམ་གྱི་ཐེངས་དང་པོར་དུས་བཀག་ཞིབ་བཤེར་བྱེད་པའི་དུས་ཚོད་ནི་རླངས་དམ་བཟོས་པའི་དུས་ཚོད་ནས་བརྩི་དགོས། གཤེར་འགྱུར་རྡོ་སྣུམ་རླངས་དམ་གྱི་ཞིབ་བཤེར་དུས་ཡུན་ནི་ལོ་4ཡིན།
གསུམ། ཞིབ་དཔྱད་ཚད་ལེན་གྲོན་དངུལ།
《བོད་རང་སྐྱོང་ལྗོངས་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ཡོན་ལྷན་ཁང་གི་ཁྱབ་བསྒྲགས་བྱ་རྒྱུའི་སྐོར་<བོད་རང་སྐྱོང་ལྗོངས་ཀྱི་རིན་གོང་གཏན་འཁེལ་གྱི་དཀར་ཆག>གྱི་བརྡ་ཐོ》(བོད་རང་སྐྱོང་ལྗོངས་འཕེལ་རྒྱས་དང་སྒྱུར་བཅོས་རིན་གོང་(2021)ཨང་21པ)ཡིག་ཆའི་བླང་བྱ་གཞིར་བཟུང་། གཤེར་འགྱུར་རྡོ་སྣུམ་སོལ་རླངས་ལྕགས་དམ་ཞིབ་དཔྱད་ཚད་ལེན་ཞབས་ཞུའི་གྲོན་དངུལ་དེ་སྲིད་གཞུང་གིས་རིན་གོང་གཏན་འབེབས་བྱེད་ཁོངས་སུ་མི་གཏོགས་པར་ཚོང་རའི་སྙོམས་སྒྲིག་རིན་གོང་ལག་བསྟར་བྱ་དགོས།
དུས་འགོར། ཕྱོགས་གསུམ་པའི་རླངས་དམ་ཞིབ་དཔྱད་ཚད་ལེན་སྒྲིག་གཞིས་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གི་རླངས་དམ་ཞིབ་དཔྱད་ཚད་ལེན་གྱི་གྲོན་བསྡུའི་ཚད་གཞི་དང་། ཁེ་ལས་གཉེར་སྐྱོང་མ་གནས། ཁྲོམ་རའི་མཁོ་སྤྲོད་སོགས་ཀྱི་རྒྱུ་རྐྱེན་ལ་བརྟག་ཞིབ་ཤེས་རྟོགས་བྱས་པ་དང་ཆབ་མདོའི་དོན་དངོས་དང་ཟུང་འབྲེལ་དང་ཕྱོགས་བསྡུས་བསམ་གཞིག་དབྱེ་ཞིབ་བྱས་ཏེ་སྤྱི་ཚོགས་ལ་ཆབ་མདོ་གྲོང་ཁྱེར་གྱི་གཤེར་འགྱུར་རྡོ་སྣུམ་སོལ་རླངས་ལྕགས་དམ་ཞིབ་དཔྱད་ཚད་ལེན་གྱི་གྲོན་བསྡུའི་ཚད་གཞི་སྤྱི་བསྒྲགས་བྱས། ཞིབ་ཕྲའི་གྲོན་བསྡུའི་ཚད་གཞི་ནི། གཅིག གཤེར་འགྱུར་རྡོ་སྣུམ་སོལ་རླངས་ལྕགས་དམ་སྤྱི་རྒྱ་50(YSP-50རིགས)རེར་སྒོར་150(ཟུར་སྟེམ་སྒོའི་འགྲོ་གྲོན་སྒོར་20ཚུད)དང་། གཉིས། གཤེར་འགྱུར་རྡོ་སྣུམ་སོལ་རླངས་ལྕགས་དམ་སྤྱི་རྒྱ་15(YSP-15རིགས)རེར་སྒོར་90(ཟུར་སྟེམ་སྒོའི་འགྲོ་གྲོན་སྒོར་20ཚུད)དང་། གསུམ། གཤེར་འགྱུར་རྡོ་སྣུམ་སོལ་རླངས་ལྕགས་དམ་སྤྱི་རྒྱ་5(YSP-5རིགས)རེར་སྒོར་75(ཟུར་སྟེམ་སྒོའི་འགྲོ་གྲོན་སྒོར་20ཚུད)དང་། བཞི། བེད་མེད་སོལ་རླངས་ཤེལ་དམ་རེར་སྒོར་20ཕྱིར་བསྡུ་དགོས། (བེད་མེད་སོལ་རླངས་ཤེལ་དམ་རེར་སྒོར་20ཕྱིར་བསྡུ་དགོས།)
བཞི། ཡོངས་བསྒྲགས་དང་ལྟ་སྐུལ།
《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རིན་གོང་སྐོར་གྱི་བཅའ་ཁྲིམས》《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམིགས་བསལ་སྒྲིག་ཆས་བདེ་འཇགས་སྐོར་གྱི་བཅའ་ཁྲིམས》སོགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་། ངེད་ཅུད་ཀྱིས་རིན་གོང་ཡོངས་བསྒྲགས་དང་བདེ་འཇགས་ལྟ་སྐུལ་ལས་དོན་ཡག་པོ་བསྒྲུབས་ནས་རིན་གོང་དུས་ཐོག་ཏུ་ཡོངས་བསྒྲགས་མ་བྱས་པ་དང་། སྒྲིག་འགལ་ངང་གྲོན་བསྡུ། དུས་བཀག་ལས་བརྒལ་ནས་ཞིབ་བཤེར་མ་བྱས་པ། ཞིབ་བཤེར་ཚད་གཞི་མ་ལོན་པ་སོགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་ནན་པོ་བྱ་རྒྱུ་ཡིན། གལ་ཏེ་གོང་གསལ་ཁྲིམས་འགལ་བྱ་སྤྱོད་ཀྱི་དབང་གིས་བདེ་འཇགས་ལས་འཛོལ་བྱུང་ནས་ཉེས་གསོག་ཏུ་གྲུབ་ན་ཁྲིམས་ལྟར་འབྲེལ་ཡོད་སྡེ་ཁག་ལ་རྩིས་སྤྲོད་བྱས་ནས་ཉེས་འགན་བདའ་འདེད་བྱ་དགོས།
བདེ་འཇགས་དོན་ཆུང་མིན་པས། གཤེར་འགྱུར་རྡོ་སྣུམ་སོལ་རླངས་ལྕགས་དམ་གྱི་བདེ་འཇགས་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འབྲེལ་བ་ཡོད། རླངས་དམ་ཞིབ་དཔྱད་ཚད་ལེན་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་ཧུར་ཐག་བྱས་ནས་རང་རྫོང་གི་བདེ་འཇགས་ཐོན་སྐྱེད་ཁོར་ཡུག་བཟང་པོ་ཐུན་མོང་ཐོག་སྲུང་སྐྱོང་གནང་དགོས།
ཆེད་དུ་སྤྱི་བསྒྲགས།
ཞུ་གཏུག་ཁ་པར།0895--4731634
དཔལ་འབར་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུད།
2026ལོའི་ཟླ་6ཚེས་8ཉིན།