边坝县人民政府

政府信息公开

边坝县关于严禁向河道乱排污水、乱倒垃圾行为的告知书

发布时间: 2026-05-14   浏览次数:   【字体:

边坝县关于严禁向河道乱排污水、乱倒垃圾行为的告知书

民生边坝
2026年5月13日 20:46 2人
图片




全县各族干部群众、各经营主体、企事业单位:

为切实保护全县河道水系生态环境,筑牢行洪安全、水质安全、公共卫生安全防线,持续改善县域河湖人居环境,守护边坝绿水青山。依据《中华人民共和国水污染防治法》《中华人民共和国河道管理条例》《昌都市市容环境卫生管理条例》等法律法规,现就严禁向辖区河道、水渠、溪流、滩地内乱排污水、乱倒垃圾等违法行为,明确告知如下:

一、明确禁止行为,严守河湖管控底线

(一)严禁向河道、水渠、滩地、岸坡倾倒、抛撒、堆放生活垃圾、建筑垃圾、渣土、污泥、秸秆、杂草、废弃衣物等各类废弃物。

(二)严禁向河道、水渠直接排放生活污水、生产经营污水、养殖污水及其他未经处理的废水。

(三)严禁向河道、水渠丢弃病死畜禽、动物尸体、祭祀用品等污染水体物品。

(四)严禁破坏河道拦污栅、闸门、保洁设施、护岸、绿化及巡河标识等公共设施。

(五)沿河机关、企业、商户等,须严格落实门前 “三包”责任,规范垃圾收运、污水达标排放,严禁将垃圾、污水交由无资质单位或个人随意处置、倾倒入河。

二、强化联合执法,从严追究法律责任

县农业农村和科技水利局、住房和城乡建设局、公安局、昌都市生态环境局边坝分局等职能部门将常态化开展联合执法,对乱排污水、乱倒垃圾等行为依法从严查处、公开曝光。涉嫌违法犯罪的,移送司法机关追究刑事责任。

三、推进全民共治,共建美丽生态边坝

保护河湖生态环境,是全县各族群众的共同责任。恳请广大农牧民群众、志愿者、社会组织自觉遵守河湖管理规定,主动参与爱河、护河、守河行动,积极劝阻、监督各类破坏河道生态的违法行为。如发现乱排乱倒、污染河道等违规行为,可通过举报电话如实反映。

让我们共同守护河畅、水清、岸绿、景美的生态家园!

监督举报电话-边坝县河长办:0895-4589220


边坝县河长制办公室(宣)

2026年5月13日





༄༅དཔལ་འབར་རྫོང་གིས་ཆུ་ལམ་གང་བྱུང་དུ་བཙོག་ཆུ་འབུད་པ་དང་གད་སྙིགས་གང་བྱུང་དུ་གཤོ་བའི་རིགས་གཏན་འགོག་བྱ་རྒྱུའི་སྐོར་གྱི་

གསལ་བཤད་ཡི་གེ

རྫོང་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས།གཉེར་སྐྱོང་བྱེད་པོ།ཁེ་ལས་དང་བྱ་གཞག་ཚན་པ་བཅས་ལ་ཞུ་གསོལ།

    རྫོང་ཡོངས་ཀྱི་ཆུ་ཡུར་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་ཏན་ཏིག་བྱས་ནས་ཆུ་ལོག་གི་བདེ་འཇགས་བརྟན་དུ་གཏོང་བ།ཆུའི་སྤུས་ཚད་ཀྱི་བདེ་འཇགས་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ཀྱི་འགོགསྲུང་འཛིང་རགས་བཙུགས་ནས་རྫོང་ཁོངས་ཀྱི་ཆུ་བོ་དང་མཚེའུ་ཡི་མི་སྡོད་ཁོར་ཡུག་རྒྱུན་མཐུད་ངང་ལེགས་སུ་བཏང་ནས་དཔལ་འབར་གྱི་སྔོ་ཞིང་དྭངས་བའི་རི་ཆུ་སྲུང་སྐྱོང་བྱ་ཆེད།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམསདང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆུ་ལམ་དོ་དམ་སྲོལ་ཡིག》《ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཁྱེར་རྣམ་པའི་ཁོར་ཡུག་འཕྲོད་བསྟེན་དོ་དམ་སྲོལ་ཡིགསོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་།ད་ལྟ་ཆུ་ལམ་དང་ཆུ་ཡུར་ནང་ཆུ་ཕྲན་དང་གྲམ་ཐང་ནང་བཙོག་ཆུ་གང་བྱུང་དུ་འབུད་པ་དང་གད་སྙིགས་གང་བྱུང་དུ་དབྱུག་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་གསལ་བཤད་ཁ་གསལ་བྱས་པ་གཤམ་གསལ།

  གཅིག བཀག་སྡོམ་གྱི་བྱེད་སྤྱོད་ཁ་གསལ་བཟོས་ནས་གཙང་པོ་དང་མཚེའུ་ཡི་དོ་དམ་ཚོད་འཛིན་གྱི་མ་མཐའི་མཚམས་ཐིག་ནན་པོ་སྲུང་དགོས།

གཅིགཆུ་ལམ་དང་། ཆུ་ཡུར། གྲམ་ཐང་། གཙང་ངོགས་བཅས་སུ་འཚོ་བའི་གད་སྙིགས་དང་། ཨར་སྐྲུན་གད་སྙིགས། ས་སྙིགས། འདམ་རྫབ། སོག་མ། རྩྭ་ངན། དེ་བཞིན་བེད་མེད་དངོས་རོ་སོགས་སྙིགས་རོ་སྣ་ཚོགས་གཤོ་བ་དང་སྤུངས་བའི་རིགས་བྱེད་མི་ཆོག

གཉིསཆུ་ལམ་དང་ཆུ་ཡུར་ལ་འཚོ་བའི་གཙོག་ཆུ་དང་། ཐོན་སྐྱིད་གཉེར་སྐྱོང་གི་བཙོག་ཆུ། གསོ་སྤེལ་གྱི་བཙོག་ཆུ། དེ་བཞིན་གཙང་སེལ་བྱས་མེད་པའི་བཙོག་ཆུ། བཙོག་ཆུ་གཞན་དག་རིགས་བཅས་ཐད་དཀར་གཏོང་འབུད་བྱེད་མི་ཆོག

གསུམཆུ་ལམ་དང་ཆུ་ཡུར་དུ་སྒོ་ཕྱུགས་དང་ཁྱིམ་བྱ་ནད་ཤི་ཐེབས་པའི་རིགས་དང་། སྲོགས་ཆགས་ཀྱི་རོ། མཆོད་རྫས་སོགས་ཀྱི་རིགས་ཆུའི་ནང་སྐྱུར་མི་ཆོག

བཞིཆུ་ལམ་གྱི་བཙོག་འགོག་ལྕགས་དྲ་དང་། ལྟེམ་སྒོ། གཙང་སྦྲའི་སྒྲིག་བཀོད། ངོགས་སྲུང་ཡོ་བྱད། སྔོ་འགྱུར། ཆུ་སྐོར་མཚོན་རྟགས་སོགས་སྤྱི་པའི་སྒྲིག་བཀོད་ལ་གཏོར་བཤིག་གཏོང་མི་ཆོག

ལྔཆུའི་རྒྱུད་དང་ཡོད་པའི་ལས་ཁུངས་དང་། ཁེ་ལས། ཚོང་དུད་སོགའས་ཀྱིས་ངེས་པར་དུ་སྒོ་འགྲམ་གྱི་འགན་ལེན་གསུམ་གྱི་འགན་ཁྲི་དོན་འཁྱོལ་ནན་པོ་བྱེད་ཏེ། གད་སྙིགས་བསྡུ་འགྲན་དང་བཙོག་ཆུ་ཚད་གཞི་ལོན་པའི་ངང་ཕྱིར་འབུད་བྱེད་རྒྱུ་ཚད་ལྡན་བཟོ་དགོས་པ་དང་། གད་སྙིགས་དང་བཙོག་ཆུ་གཙང་སེལ་བྱ་རྒྱུ་དེ་འོས་ཐོབ་མེད་པའི་ཚན་པའམ་ཡང་ན་མི་སྒེར་ལ་གང་བྱུང་དུ་ཐག་གཅོད་བྱེད་དུ་བཅུག་མི་ཆོག

  གཉིས།མཉམ་འབྲེལ་ཁྲིམས་འཛིན་ལ་ཤུགས་སྣོན་བརྒྱབ་ནས་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས

རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུ་དང། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུ། ཆབ་མདོ་གྲོང་ཁྱེར་སྣོད་བཅུད་ཁོར་ཡུག་ཅུད་དཔལ་འབར་ཡན་ལག་ཅུད། སྤྱི་བདེ་ཅུད་སོགས་ཀྱི་ཚན་པས་རྒྱུན་གཏན་དུ་མཉམ་འབྲེལ་ཁྲིམས་འཛིན་བྱས་ཏེ། བཙོག་ཆུ་དང་གད་སྙིགས་གང་བྱུང་དུ་གཤོ་བ་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་ནན་པོ་དང་ཡོངས་དམར་འདོན་བྱེད་དགོས། གལ་སྲིད་ཁྲིམས་འགལ་ཉེས་གསོག་གི་དོགས་གཞི་ཡོད་ཚེ་ཁྲིམས་འཛིན་ལས་ཁུངས་སུ་བསྐྱལ་ནས། ཉེས་དོན་གྱི་འགན་འཁྲི་བདའ་འདེད་རྒྱུ་ཡིན།

གསུམ།དམངས་ཡོངས་ཀྱིས་ཐུན་མོང་ཐོག་བཅོས་སྐྱོང་བྱས་ནས་མཛེས་སྡུག་ལྡན་པའི་དཔལ་འབར་གྱི་མཐའ་ཁུལ་མཉམ་སྐྲུན་བྱེད་དགོས

གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་ནི་རྫོང་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་ཐུན་མོང་གི་འགན་འཁྲི་ཡིན། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་དང། དང་བླངས་པ། སྤྱི་ཚོགས་རྩ་འཛུགས་བཅས་ཀྱིས་རང་རྟོགས་ངང་ཆུ་བོ་དང་མཚེའུ་ཡི་དོ་དམ་གཏན་འབེབས་ལ་བརྩི་སྲུང་ཞུས་ཏེ་རང་འགུལ་ངང་ཆུ་བོར་གཅེས་པ་དང། ཆུ་བོ་སྲུང་བ་བཅས་ཀྱི་བྱ་སྤྱོད་ནང་ཞུགས་ནས་ཆུ་ལམ་གྱི་སྐྱེ་ཁམས་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱེད་སྤྱོད་ལ་བཀག་སྡོམ་དང་ལྟ་སྐུལ་ཧུར་ཐག་བྱེད་དགོས། གལ་སྲིད་གང་བྱུང་དུ་འབུད་པ་དང་ཆུ་ལམ་སྦགས་བཙོག་བཟོ་བ་སོགས་ཀྱི་སྒྲིག་འགལ་བྱེད་སྤྱོད་ཐོན་ཚེ་ཐེར་འདོན་ཁ་པར་ཐོག་ནས་ཇི་མ་ཇི་བཞིན་ཞུ་ཆོག

  ང་ཚོས་གཙང་པོ་ཤར་རྒྱུག་དང་། ཆུ་བོ་དྭངས་གཙང་། ཆུ་སྔོགས་སྔོ་ལྗངས། མཛེས་ལྗོངས་ལེགས་པ་བཅས་ལྡན་པའི་སྐྱེ་ཁམས་་ཀྱི་ཁྱིམ་གཞིས་ལ་མཉམ་དུ་སྲུང་སྐྱོང་བྱེད་དགོས།

ལྟ་སྐུལ་ཐེར་འདོན་ཁ་པར། དཔལ་འབར་རྫོང་གི་ཆུ་དཔོན་གཞུང་ལས་ཁང0895-4589220

     དཔལ་འབར་རྫོང་ཆུ་དཔོན་ལམ་ལུགས་གཞུང་ལས་ཁང་།བསྒྲགས

2026ལོའི་ཟླ་5ཚེས་13ཉིན།




附件下载:
相关链接: